ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་རྒྱུད་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཐ་ལི་པན་ཕྱོགས་ཀྱི་འཇབ་རྒོལ་ཐེབས་ནས་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་རྒྱུད་ཁུན་ཏུའུ་ཧྲི་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེའི་ནམ་ལངས་དུས་སུ། ཐ་ལི་པན་གྱི་དྲག་སྤྱོད་འཇབ་རྒོལ་ཐེབས་ནས་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཐ་ལི་པན་གྱི་དྲག་ཆས་མི་སྣ་བཞི་བསད་ཟེར།

ཁུན་ཏུའུ་ཧྲི་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨའེ་སི་མ་ཐུའུ་ལ· ཧན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅུ་གསུམ་ཉིན་གྱི་ནམ་ལངས་ཁར། ཐ་ལི་པན་དྲག་ཆས་མི་སྣས་ཁུན་ཏུའུ་ཧྲི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁུན་ཏུའུ་ཧྲི་གྲོང་ཁྱེར་ཕྱི་རོལ་གྱི་ཤིན་ཝ་ལི་བདེ་འཇགས་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་བྱས། ཡུལ་དངོས་ཀྱི་ཉེན་རྟོག་པས་ད་དུང་འཇབ་རྒོལ་མཁན་ལ་རྡུང་རྡེག་བཏང་བ་དང་འབྲེལ་ཏེ་ཕྱིར་སྐྲོད་བཏང་བའི་ནང་ཉེན་རྟོག་པ་ལྔ་དང་འཇབ་རྒོལ་མཁན་བཞི་རྐྱེན་ལམ་དུ་ཤོར། འཇབ་རྒོལ་མཇུག་རྫོགས་རྗེས། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཞིན་ཝ་ལི་ས་ཁུལ་དུ་བྱ་སྤྱོད་སྤེལ་ནས། དྲག་ཆས་མི་སྣ་གཞན་དག་སྔོག་བཤེར་འཛིན་བཟུང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།