ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཧོང་ཧའེ་ས་ཁུལ་བྱ་མའི་ཆུ་ལོག་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་ཡུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་ཉིན་འགའི་སྔོན་ལ། ཧོང་ཧའེ་ས་ཁུལ་བྱང་མའི་དབྱིན་པོ་ཁུལ་ཏ་ཆིང་ས་ཆའི་ཆུ་ལོག་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་ཡུལ་དུ་རྟོག་ཞིབ་བྱས་ཏེ། བཟོ་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཆུ་ལོག་གི་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་ཁྲའོ་ཞན་མི་དམངས་དམག་གིས་བཏོན་པའི་ནུས་པར་གདེང་འཇོག་ཚད་མཐོན་པོ་བྱས།

གནས་ཚུལ་སྤེལ་བ་ལྟར་ན། ཅིན་ཀྲིན་ཨིན་གྲོང་གསེབ་ཀྱི་སྡོད་ཁང་གསར་པ་དང་རྣམ་པའི་གནོད་ཐེབས་ས་ཁུལ་གྱི་ཞིང་ར་འཛུགས་སྐྲུན་ལ་བློ་ཡིད་གཏིང་ནས་ཚིམ་ཡོད། ཅིན་ཀྲིན་ཨིན་གྱིས་བསྟན་དོན། འཛུགས་སྐྲུན་བྱ་ཡུལ་ཁག་ཚང་མར་མི་དམངས་དམག་གི་ལྷག་བསམ་གྱིས་བཀང་ཡོད་པ་དང་། མི་དམངས་དམག་གིས་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པའི་བརྩེ་སེམས་བཅངས་ནས། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བཟོ་སྐྲུན་ཁྲོད་སེམས་ཤུགས་དང་ནུས་པ་ཡོད་རྒུ་བཏོན་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་ཟླ་བརྒྱད་པའི་ཟླ་སྟོད་དུ། ཧོང་ཧའེ་ས་ཁུལ་བྱང་མའི་དབྱིན་པོ་ཁུལ་ཏ་ཆིན་ས་ཆའི་ཆུ་ལོག་གནོད་ཐེབས་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་མྱོང་བར་མ་ཟད། གནོད་འགོག་བཀོད་སྒྲིག་ལས་དོན་ཐད་ཞིབ་ཕྲའི་མཛུབ་སྟོན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།