ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཉིས་ས་ཡ་བདུན་འབུམ་དགུ་ཁྲི་བདུན་སྟོང་གསུམ་བརྒྱ་དང་ཉེར་བདུན་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གཞི་གྲངས་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་དགུ་ཁྲི་བདུན་སྟོང་གསུམ་བརྒྱ་དང་ཉེར་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་གཅིག་དང་སྐར་མ་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་བརྒྱད་བརྒྱ་སོ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་དགུ་ཁྲི་བདུན་སྟོང་གསུམ་བརྒྱ་དང་ཉེར་བདུན་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་དྲུག་བརྒྱ་དང་དགུ་ཡིས་ཇེ་མང་དུ་སོང་ནས།  བསྡོམས་པས་འབུམ་དགུ་སྟོང་ལྔ་བཞི་བརྒྱ་ཉེར་དྲུག་ལ་སླེབས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།