ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལི་པན་བར་གྱི་གྲོས་མོལ་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་འགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་ཉིན་ཨ་ཧྥུའུ་ཧན་གསར་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལི་པན་བར་གྱི་གྲོས་མོལ་ཚེས་བཅུ་གཉིས་ཉིན་ཁ་ཐར་རྒྱལ་ཁབ་ནས་སྤེལ་རྒྱུ་རེད།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཚེས་བཅུ་གཅིག་ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་བསྐྱོད་པ་དང་། ཨ་ཧྥུའུ་ཧན་མི་རིགས་འདུམ་འགྲིག་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་དང་། ཕྱི་འབྲེལ་པུའུ་ཡི་དཔོན་པོ་ཚབ་མ་ཨ་ཐེ་མའར་དང་། དེ་བཞིན་ཨ་ཧྥུའུ་ཧན་རྒྱལ་ཁབ་ཞི་བདེ་ལས་དོན་པུའུ་ཡི་པུའུ་ཀྲང་ན་ཏེ་ལི་བཅས་ཀྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་གྲོས་མོལ་ཚོགས་འདུར་ཞུགས་འཆར་ཡོད་ཟེར།

ཨ་མེ་རི་ཁ་སྲིད་གཞུང་དང་ཐ་ལི་པན་ཕྱོགས་ཀྱིས་ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ་གྲོས་མཐུན་བཀོད་ནས། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐ་ལི་པན་གྱི་བཙོན་མ་སྟོང་ལྔ་ཕྱིར་གཏོང་དགོས་པ་དང་། ཐ་ལི་པན་གྱིས་བཀག་ཉར་བྱས་པའི་སྲིད་གཞུང་གི་མི་སྣ་སྟོང་གཅིག་ཕྱིར་གཏོང་རྒྱུའི་ཐད་འགན་ལེན་བྱས་ནའང་། ཕྱོགས་གཉིས་ཀྀས་དོ་དམ་མི་སྣ་བརྗེ་རེས་བྱེད་པའི་འཕེལ་རིམ་ལ་བར་ཆད་ཐེངས་མང་བྱུང་ཡོད།  ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལི་པན་ཕན་ཚུན་བར་བཙོན་མ་གློད་གྲོལ་གཏོང་བའི་ཐད་ལྟ་ཚུལ་མི་མཐུན་པ་བྱུང་བས། ཟླ་གསུམ་པའི་ནང་སྤེལ་དགོས་པའི་གླེང་མོལ་དེ་ད་ལྟའི་བར་ཕྱིར་འགྱངས་བྱས་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།