ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་བྱང་རྒྱུད་དུ་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་ཅན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་འགུལ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀྲི་ལིའི་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་ཚེས་བཅུ་གཅིག་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་ཅན་གྱི་ས་འགུལ་བྱུང་ཡོད་ཅིང་། མིག་སྔར་མི་ཤི་རྨས་བྱུང་བའི་སྙན་ཞུ་ཅི་ཡང་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་འགུལ་ཆ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཀེ་ལིན་ཉི་ཀྲིའི་དུས་ཚོད་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་སོ་ལྔའི་སྟེང་བྱུང་བ་དང་། ས་འགུལ་གྱི་ལྟེ་བ་དེ་ཀྲི་ལིའི་བྱང་རྒྱུད་གྲོང་ཁྱེར་ཐོ་ཁོ་ཕི་ཡའི་ཤར་ལྷོའི་སྤྱི་ལེ་གྱ་གསུམ་མཚམས་སུ་གནས་ཡོད། འགུལ་ཁོངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བཞི་བཅུ་ཙམ་ཡོད།

ཀྲི་ལིའི་མཚོ་དམག་གི་ཆུ་དཔྱད་དང་རྒྱ་མཚོ་ཅུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། ད་ཐེངས་ཀྱི་ས་འགུལ་ལས་མཚོ་འཕྱུར་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།