ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་རྟོག་ཞིབ་བྱས་ཏེ་གནོད་སྐྱོབ་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས5ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་མགོ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྲིད་དོན་ཅུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་གནོད་སྐྱོབ་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད་རྟོག་ཞིབ་བྱས། 

ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་ཚེས་ལྔ་ཉིན་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་མགོ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྲིད་དོན་ཅུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་ཞན་ཅིན་ལྷོ་ལམ་དང་ཞན་ཅིན་བྱང་ལམ་ས་ཁུལ་གྱི་གནོད་སྐྱོབ་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད་ཞན་ཅིན་ལྷོ་ལམ་གྱི་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་བྱས། 

བསྒྲགས་པ་ལྟར་ན། ཁྲའོ་ཞན་དུ་ཚེས་གསུམ་ཉིན་མཱེ་ཧྲ་ཁི་ཞེས་པའི་དྲག་རླུང་གི་འཇབ་རྒོལ་ཐེབས་པ་དང་། ཁྲའོ་ཞན་བྱང་ཤར་ཕྱོགས་སུ་ཡོད་པའི་ཞན་ཅིན་ལྷོ་ལམ་དང་ཞན་ཅིན་བྱང་ལམ་ས་ཁུལ་དུ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། ས་ཁུལ་དེ་གཉིས་ནས་སོ་སོར་ཁང་བ་སྟོང་ལྷག་ལ་གཏོར་བརླག་ཐེབས་ཡོད་ལ། སྤྱི་བའི་འཛུགས་སྐྲུན་དང་ཞིང་ས་མི་ཉུང་བ་ཆུས་བསྣུབས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་དོན་ཅུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་ནས་ཞན་ཅིན་ལྷོ་ལམ་དང་ཞན་ཅིན་བྱང་ལམ་ས་ཁུལ་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གྲོས་བསྡུར་བྱས་པ་དང་། བཟོ་སྐྲུན་སྟོབས་ཤུགས་རྩ་འཛུགས་བྱེད་པ་དང་རྒྱུ་ཆའི་སྐྱེལ་འདྲེན་ལ་འགན་སྲུང་བྱེད་པ་སོགས་བྱེ་བྲག་གི་བྱ་བ་ཐག་གཅོད་བྱས། 

ཅིན་ཀྲིན་ཨིན་གྱིས་ཉིན་དེར་ཡུལ་དངོས་ནས་ཞན་ཅིན་ལྷོ་ལམ་གྱི་གནོད་ཐེབས་ས་གནས་སྐོར་ཞིག་ལ་རྟོག་ཞིབ་བྱས། ཁོས་མཚོ་འགྲམ་ས་ཁུལ་མང་བོའི་བདེ་འཇགས་ཐབས་ཇུས་ནུས་ལྡན་མིན་པར་བསྟན་པ་དང་། ཚད་གཞི་ལྟར་མཚོ་འགྲམ་གྱི་རླབས་འགོག་ཆུ་རྒས་དང་མཚོ་ཁུགས་ཀྱི་རླབས་འགོག་ཆུ་རྒས་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན། 

ཅིན་ཀྲིན་ཨིན་གྱིས་ད་རུང་ལོ་ཏོག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཞིང་ལས་ལག་རྩལ་ཐབས་ཇུས་བཟང་བོ་སྤྱད་དེ་གང་ནུས་ཀྱིས་ཐོན་ཚད་ཇེ་དམའ་རུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།