ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ནཱ་ལཱ་དབྱང་ཀན་ཅེ་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཚེས་བཞི་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར།
མེ་སྐྱོན་ཁྲོད་ཀྱི་རྨས་མ་བསྡུ་ལེན་བྱས་པའི་སྨན་ཁང་གི་འགན་ཁུར་བས་བསྟན་དོན། རྨས་མ་སོ་བདུན་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ནང་རྨས་མ་བཅུ་གཉིས་ཀྱི་རྨས་སྐྱོན་ཚབས་ཆེ་བའི་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཟེར།
བྷང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་དེ་ནི་རང་བྱུང་སོལ་རླངས་ཤོར་བ་ལས་བྱུང་བར་དོགས་པ་ཟ་བཞིན་ཡོད་པ་དང་། མེ་གསོད་མི་སྣས་མེ་ཤུགས་ལ་ཚོད་འཛིན་ཐུབ་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
བྷང་ག་ལཱའི་དབྱི་སི་ལན་ཆོས་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།