ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གིས་རྒྱལ་ཁབ་ཁ་ཤས་ཀྱིས་སྐྱེ་དངོས་མཚོན་ཆ་གསར་སྤེལ་བྱེད་པར་དོགས་ཟོན་བྱེད་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས4ཉིན། ཉིན་དེར་འཚོགས་པའི་ཧྲང་ཧི་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། རང་ཚུགས་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ། ཅི་ཨན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་སྲུང་དཔོན་བཅས་ཀྱི་མཉམ་འབྲེལ་ཚོགས་འདུའི་སྟེང་། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཕྱི་ཕྱོགས་ལ་བཤད་རྒྱུར། མིག་སྔར་ཧྲང་ཧི་དང་རང་ཚུགས་མཉམ་འབྲེལ། ཅི་ཨན་རྩ་འཛུགས་བཅས་ཀྱི་སྒྲོམ་གཞི་ཕུད་པའི་རྒྱལ་ཁབ་ཁ་ཤས་ཀྱིས་སྐྱེ་དངོས་ཀྱི་མཚོན་ཆ་གསར་སྤེལ་བྱེད་བཞིན་ཡོད་པས་རྒྱལ་ཁབ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་འཇིགས་སྐུལ་དེར་ཁ་གཏད་འཇལ་དགོས་ཞེས་བསྟན།

 ཧྲའོ་དབྱི་ཀུའུ་ཡིས། ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ཕན་ཚུན་གཞོགས་འདེགས་ཀྱིས་སྐྱེ་དངོས་མཚོན་ཆའི་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་ཐད་གྲོས་བསྡུར་བྱས་པ་དང་། སྒྲོམ་གཞི་ལས་ཕུད་པའི་རྒྱལ་ཁབ་གཞན་གྱིས་དམག་དོན་སྐྱེ་དངོས་ཀྱི་ཁྱབ་ཁོངས་སུ་ཞིབ་འཇུག་བྱེད་པར་ཁ་གཏད་གཅོག་ཐབས་ལ་ཞིབ་འཇུག་བྱས་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།