ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལི་བྱང་རྒྱུད་དུ་ས་ཡོམ་རིམ་པ6.3བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་ཀྲི་ལི་སློབ་ཆེན་རྒྱལ་ཡོངས་ས་ཡོམ་ལྟེ་གནས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉིན་དེའི་ཕྱི་དྲོར་ཀྲི་ལིའི་བྱང་རྒྱུད་དུ་ས་ཡོམ་རིམ་པ6.3བརྒྱབ་པ་རེད། མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།

 གསར་འགྱུར་ལས། ས་ཡོམ་དེ་ས་གནས་དེ་གའི་དུས་ཚོད་ཚེས1ཉིན་གྱི་ཆུ་ཚོད17དང་སྐར་མ9(པེ་ཅིང་གི་དུས་ཚོད་ཚེས2ཉིན་གྱི་ཆུ་ཚོད5དང་སྐར་མ9)སྟེང་བརྒྱབ་པ་དང་ཡོམ་ལྟེ་ནི་ཨ་ཐ་ཁ་མའི་ཁུལ་ཆེན་ཝ་སི་ཁོ་གྲོང་ཁྱེར་བྱང་ངོས་ཀྱི་སྤྱི་ལེ67མཚམས་ཀྱི་མཚོ་ཁོངས་སུ་གནས་ཡོད། ཡོམ་ཁུངས་ཀྱི་གཏིང་ཚད་ནི་སྤྱི་ལེ24.4རེད།

གཞན་ཡང་ཨ་རིའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལ་གཞིགས་ན། ཐེངས་འདིའི་ས་ཡོམ་ནི་འཕྲེད་ཐིག་ལྷོ་མའི་ཏུའུ27.929དང་ནུབ་ཀྱི་གཞུང་ཐིག་ཏུའུ71.394ལ་གནས་པ་དང་ས་ཡོམ་རིམ་པ6.5ཡིན་པ་རེད། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ14.3རེད་ཟེར།

 ཉིན་དེའི་ཐོ་རེངས་སྐབས་སུ། ཝ་སི་ཁོ་གྲོང་ཁྱེར་བྱང་ངོས་ཀྱི་སྤྱི་ལེ55ཡི་མཚོ་ཁོངས་སུ་ས་ཡོམ་རིམ་པ7བརྒྱབ་པ་དང་། ཡོམ་ལྟེའི་ཉེ་འགྲམ་གྱི་ས་ཁོངས་སུ་ཡོམ་འཕྲོ་ཐེངས་བཅུ་ལྷག་བརྒྱབ་ཡོད།

ཀྲི་ལི་ནང་སྲིད་པུའུ་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཛ་དྲག་ལས་དོན་གཞུང་ལས་ཁང་གིས་ཉིན་དེའི་ཞོགས་པར་གནས་ཚུལ་སྤེལ་དོན། ཐོ་རེངས་སྐབས་སུ་བྱུང་བའི་ས་ཡོམ་གྱིས་ཀྲི་ལི་བྱང་རྒྱུད་ས་ཁུལ་གྱི་གཞུང་ལམ་དང་ཁང་པ་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་མོད། མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་ཅི་ཡང་འབྱོར་མེད་པ་རེད། ཀྲི་ལི་མཚོ་དམག་ཆུ་དཔྱད་དང་རྒྱ་མཚོ་ཅུས་ཀྱིས་ད་རེས་ཀྱི་ས་ཡོམ་ལས་མཚོ་ཡོམ་འབྱུང་མི་སྲིད་པར་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།