ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་བཅའ་ཁྲིམས་ལག་བསྟར་ཁྲོད་ཀྱི་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་གནད་དོན་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་ཁི་ཨར་ཝེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་རི་ནེ་ཝ་ནས་བསྟན་དོན། ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་ཉེན་རྟོག་པས་བཅའ་ཁྲིམས་ལག་བསྟར་བྱེད་སྐབས་གནས་པའི་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་གནད་དོན་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཁི་ཨར་ཝེ་ཨར་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁར་ཉེ་སྔོན་བྱུང་བའི་ཉེན་རྟོག་པས་མི་ནག་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ནི་ཡིད་སྐྱོ་བའི་གསལ་འདེབས་ཤིག་ཡིན་པ་དང་། དེ་ལས་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཅན་གྱི་ཨ་མེ་རི་ཁའི་མི་ཚོགས་ལ་བཅའ་ཁྲིམས་ལག་བསྟར་ལས་ཁུངས་ཀྱི་ཉིན་རེ་བཞིན་ཚབས་ཆེ་བའི་ཁྱད་པར་ཅན་གྱི་དྲག་ཤུགས་ཐེབས་བཞིན་པ་མཚོན་ཡོད་ཟེར། 

ཁི་ཨར་ཝེ་ཨར་གྱིས་བཤད་རྒྱུར། དྲ་ཐོག་ནས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཉེན་རྟོག་པས་མིང་ལ་ཡཱ་ཀི་པུའུ་པུའུ་ལའེ་ཁི་ཞེས་པའི་སྐྱེས་པ་དེར་ཚད་ལས་བརྒལ་བའི་དྲག་ཤུགས་སྤྱད་པ་རེད། དེའི་ཞོར་དུ་ཨ་མེ་རི་ཁའི་བཅའ་ཁྲིམས་ལག་བསྟར་མི་སྣས་སྲོག་གཅོད་མཚོན་ཆ་བཀོལ་བའི་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་མ་བྱས་པ་དང་། ཨ་མེ་རི་ཁའི་ཉེན་རྟོག་པའི་བྱ་སྤྱོད་དེས་ངོ་བོའི་སྟེང་ནས་བརྗོད་ན་མཐོང་ཆུང་རང་བཞིན་ཡིན་སྲིད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།