ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་འབུམ་བརྒྱད་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡུའེ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་22ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆེས་གསར་བའི་བསྡོམས་རྩིས་གཞི་གྲངས་ལ་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་འབུམ་བརྒྱད་ལས་བརྒལ་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་དགུ་དང་སྐར་མ་ཉེར་བརྒྱད་བར་དུ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའ་་གྲངས་ཀ་འབུམ་བརྒྱད་དང་ཉིས་བརྒྱ་གྱ་གསུམ་ལ་སླེབས་པ་དང་། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བསྡོམས་པས་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དགུ་ཁྲི་བརྒྱད་དང་སྟོང་བཞི་བརྒྱད་བརྒྱ་ཉེར་བཞི་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་ཆེས་མང་བ་དང་། སོ་སོར་ས་ཡ་ལྔ་དང་འབུམ་དྲུག་ཁྲི་གཉིས་སྟོང་དྲུག་དང་ཉིས་བརྒྱ་གྱ་བཞི་དང་འབུམ་གཅིག་དང་ཁྲི་བདུན་སྟོང་ལྔ་བཞི་བརྒྱ་ཉེར་དགུ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཅུང་མང་པའི་རྒྱལ་ཁབ་ད་དུང་པ་ཞི་དང་མོ་ཞི་ཁོ། རྒྱ་གར། དབྱིན་ཇི་སོགས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།