ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཧྥུན་ལན་གྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཧྥུན་ལན་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དཀར་པོའི་ཉེ་སྔོན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བསྐྱར་སྒྲོག་བྱས་དོན། བདག་དབང་རྒྱལ་ཁབ་ཅིག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་དེའི་ཁྲིམས་མཐུན་སྲིད་དབང་ལ་ཕྱི་ཕྱོགས་ནས་གནོན་ཤུགས་སྟེར་བ་ནི་དང་ལེན་བྱེད་ཐབས་མེད་པའི་དོན་ཞིག་རེད་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དཀར་པོའི་གནས་བབ་མྱུར་དུ་གཏན་འཇགས་སླར་གསོ་འབྱུང་བར་རེ་བས་ཁེངས་ཡོད་པ་དང་། ཁོ་ཚོས་ད་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་རེ་འགར་གྲོས་བསྡུར་བྱས་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།