ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་དེའི་བྱང་ཤར་ས་ཁུལ་ནས་ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས། དམིགས་འབེན་དེ་ནི་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཁོ་སྒྲུབ་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་དང་མགོ་བ་རེ་འགའ་སྦས་སྐོང་བྱས་ཡོད་པ་རེད་ཟེར། 

དམག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་འཐབ་འཛིང་གནམ་གྲུ་དང་དྲག་ཆས་གྱེན་འཕུར་གནམ་གྲུ་བཀོལ་ནས་མཁོ་སྒྲུབ་ལྟེ་གནས་ཀྱི་སྒྲིག་ཆས་ལ་གཏོར་བཤིག་བཏང་བར་མ་ཟད། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།