ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་དུ་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུར་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱལ་ཁབ་རྒྱལ་སྲུང་དོ་དམ་ལྟེ་གནས་ཀྱིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་མུས་ཀི-31BMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ཉིན་དེར་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུ་ཞིག་ལ་བཀག་འགོག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་གནམ་གྲུ་ཞིག་ཨུ་རུ་སིའི་རྒྱལ་མཚམས་ཀྱི་ཉེ་སར་བགྲོད་བཞིན་པ་ཤེས་ནས། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་མུས་ཀི-31BMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བར་སྣང་དུ་འཕུར་ནས་དམིགས་འབེན་དེར་བཀག་འགོག་བྱས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དམིགས་འབེན་གྱི་ཉེ་སར་བཅར་རྗེས་དེ་ནི་ཨ་མེ་རི་ཁའིP-8Aམཚོ་ལྷ་རྟགས་ཅན་གྱི་སྐོར་གཡེང་གནམ་གྲུ་ཞིག་ཡིན་པ་ཁས་ལེན་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དོན་གནམ་གྲུ་དེ་ཨུ་རུ་སིའི་རྒྱལ་མཚམས་ཀྱི་ཉེ་ས་དང་བྲལ་རྗེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དེ་ཕྱིར་རྟེན་གཞིར་ལོག ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དེ་འཕུར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་སུམ་དུ་རྒྱལ་སྤྱིའི་མཁའ་ཁོངས་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱས་ཡོད་ལ། ཨ་མེ་རི་ཁའི་དམག་དོན་གནམ་གྲུས་ཨུ་རུ་སིའི་མཁའ་ཁོངས་སུ་བཙན་འཛུལ་བྱས་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།