ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མཱ་ལིར་རོགས་རམ་བྱས་ཏེ་ཆུ་ལོག་གི་གནོད་འཚེ་འགོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ད་ལོའི་ལོ་མགོའི་ཚུན་ལ་སོ་མཱ་ལིའི་ས་ཁུལ་སོ་སོར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་འབུམ་དྲུག་དང་ཁྲི་ལྔ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མཱ་ལི་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཟླ་དྲུག་པའི་ཟླ་སྨད་ཚུན་ལ། སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་བས། སོ་མཱ་ལིའི་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་རང་གི་ཁྱིམ་གཞིས་དང་མི་འབྲལ་ཐབས་མེད་བྱུང་ཡོད། འགྲོ་སའི་ཁྱིམ་མེད་པར་གྱུར་བའི་མི་རྣམས་འཚང་ཁ་ཤིག་ཤིག་བྱེད་པའི་གནས་སྐབས་ཀྱི་འགེབས་སྲུང་ཁང་དུ་སྡོད་དགོས་པ་དང་། ཡ་ང་བའི་ནམ་ཟླར་ཁ་གཏད་འཇལ་ཐབས་གཏན་ནས་མེད་པ་རེད། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། འགྲོ་སའི་ཁྱིམ་མེད་པར་གྱུར་བའི་མི་རྣམས་ལ་འཕྲོག་བཅོམ་དང་བཙན་གཡེམ་སོགས་ཀྱི་གནོད་པ་ཐེབས་སླ་བ་དང་། གཙང་སྦྲའི་ཆ་རྐྱེན་ཞན་པས་རིམས་ནད་ཕན་ཚུན་འགྲོ་བའི་ཉེན་ཁ་ཇེ་ཆེར་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།