ལྷོ་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཝ་ནུ་ཨ་ཐུར་ལ་ས་ཡོམ་རིམ་པ་དྲུག་ཚེག་བཞི་བརྒྱབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཝ་ནུ་ཨ་ཐུའུ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ས་གནས་དེ་གའི་དུས་ཚོད་ཚེས་ལྔ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔ(པེ་ཅིང་གི་དུས་ཚོད་ཚེས་ལྔ་ཉིན་གྱི་ཆུ་ཚོད་ཉི་ཤུ་དང་སྐར་མ་ལྔ)ལ་ས་ཡོམ་རིམ་པ་དྲུག་ཚེག་བཞི་བརྒྱབ་པ་རེད། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་གནས་ཚུལ་ཅི་ཡང་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་འགུལ་གྱི་ལྟེ་བ་དེ་ཝ་ནུ་ཨ་ཐུའུ་མ་ལན་ཕ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལ་ཁཱ་ཐོ་ལའོ་ཤར་རྒྱུད་ཀྱི་སྤྱི་ལེ་དོན་གཅིག་གི་སར་གནས་པ་དང་། ས་ཡོམ་འབྱུང་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་དོན་བཞི་དང་ཚེག་བཞི་ཡོད།

ལ་ཁཱ་ཐོ་ལའོ་ནི་རྒྱལ་ཁབ་འདིའི་མ་ལེ་ཁུའུ་ལ་གླིང་ཕྲན་གྱི་ཤར་ངོགས་སུ་གནས་ཡོད། མིག་སྔར་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཡོམ་ཉེན་བརྡ་ལྟེ་གནས་ཀྱིས་ད་ཐེངས་ཀྱི་ས་ཡོམ་ལ་དམིགས་ནས་མཚོ་ཡོམ་གྱི་སྔོན་བརྡ་ཅི་ཡང་བཏང་མེད།

ཝ་ནུ་ཨ་ཐུའུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་ས་ཡོམ་ཁུལ་དུ་གནས་ཡོད། ས་ཤུན་ལེབ་མོ་ཕན་ཚུན་གདོང་ཐུག་བརྒྱབ་པས་ས་ཡོམ་ཡང་ཡང་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།