ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པ་ནོན་གྱི་རྒྱལ་སར་འབར་གས་ཆེན་པོ་བྱུང་ནས་ཉུང་མཐར་ཡང་མི73ཚེ་ལས་འདས་ཤིང་མི3000ལྷག་ཙམ་ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

12226653637249217625.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད6ཡས་མས་སུ་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེ་གྲུ་ཁ་རུ་འབར་གས་ཆེན་པོ་བྱུང་ནས་ཁང་པ་མང་པོར་གཏོར་སྐྱོན་ཕོག་ཅིང་དགུང་ལ་དུ་བ་དམར་པོ་འཕྱུར། ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འབར་གས་བྱུང་བ་ལས་ཉུང་མཐར་ཡང་མི73རྐྱེན་ལམ་དུ་ཤོར་བ་དང་། མི3000ལྷག་ལ་རྨས་ཕོག་ཡོད་པ་རེད།

 མིག་སྔར་ལེ་པ་ནོན་གྱི་དཔོན་རིགས་ཀྱིས་འབར་གས་ཀྱི་རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་མེད། གནས་ཚུལ་སྤེལ་བར་གཞིགས་ན། འབར་གས་ནི་རྫས་འགྱུར་དངོས་པོ་རང་འབར་ལས་བྱུང་བ་ཞིག་ཡིན་ལ། མིག་སྔར་ཡུལ་དངོས་ཀྱི་གནས་ཚུལ་ཅུང་གཏན་འཇགས་རེད། གཞུང་ཕྱོགས་ཀྱིས་ཞོར་ཐོན་གནོད་འཚེ་འབྱུང་མིན་ཐད་ཁྱབ་བསྒྲགས་བྱས་མེད། དོན་རྐྱེན་བྱུང་རྗེས་དབྱི་སི་རལ་ཕྱོགས་ཀྱིས་དོན་རྐྱེན་འདི་དང་འབྲེལ་བ་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།