ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་མཁས་པས་ཀྲུང་གོ་ཕྱོགས་ཀྱི་ཆེད་ལས་མཁས་པ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས29ཉིན་གསར་འགོད་པའི་རྒྱུན་རྣམ་གསར་འགོད་པའི་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། གྲོས་མོལ་བྱས་པ་བརྒྱུད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་མཁས་པ་གཉིས་ཀྱིས་ཟླ7པའི་ཟླ་དཀྱིལ་དུ་ཀྲུང་གོར་པྲོག་གསར་ནད་དུག་གི་ཁུངས་འདེད་ལ་ཚན་རིག་དང་མཐུན་པའི་མཉམ་ལས་ཐད་གྲ་སྒྲིག་རང་བཞིན་གྱི་གྲོས་མོལ་བྱས་པ་རེད། ལོགས་སུ་གར་བའི་རིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་མཁས་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་བརྙན་ལམ་ཚོགས་འདུ་ཐེངས་མང་འཚོགས་ནས་གོ་ལ་ཧྲིལ་པོའི་ཚན་རིག་ལས་རིགས་ཀྱིས་པྲོག་གསར་ནད་དུག་འགོས་པའི་མི་ཚོགས་དང་། ཁོར་ཡུག ཆ་རྡུལ། སྲོག་ཆགས་ཁུངས་འདེད། དེ་མིན་ཁྱབ་སྤེལ་ཐབས་ལམ་སོགས་ཁྱབ་ཁོངས་སུ་སྤེལ་བའི་ཚན་ཞིབ་ལས་དོན་གྱི་འཕེལ་རིམ་དང་གོམ་སྟབས་རྗེས་མའི་ཚན་ཞིབ་ལས་དོན་གྱི་འཆར་གཞི་སྐོར་ལ་གཏིང་ཟབ་སྒོས་བསམ་བློ་བརྗེ་རེས་བྱས་པ་རེད།

ཝང་ཝུན་པིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་གཞི་རྩའི་ཐོག་ངོས་འཛིན་གཅིག་མཐུན་བྱུང་ལ། འབྱུང་རྩ་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས་ཚན་རིག་པས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་དང་མཉམ་ལས་བྱེད་དགོས། འབྱུང་རྩ་ནི་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་པས་རྒྱལ་ཁབ་མང་པོ་དང་ས་ཆ་མང་པོར་འབྲེལ་བ་ཡོད་སྲིད་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་མཁོ་ལྟར་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་དེ་བསྟུན་གྱི་རྟོག་ཞིབ་བྱ་རྒྱུ་ཡིན་པ་རེད། “རྒྱལ་ཁབ་ཚང་མས་ཀྱང་ཀྲུང་གོ་ཕྱོགས་དང་འདྲ་བར་དགེ་མཚན་ལྡན་པའི་རྣམ་འགྱུར་བཟུང་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་བྱེད་དགོས།”

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།