ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མར་རིགས་རྒྱུད་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། སུའུ་ཏན་ལྷོ་མའི་ཤར་ཕྱོགས་ཀྱི་ཆུང་ལའེ་ཀྲིག་ནས་རིགས་རྒྱུད་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག

ཆུང་ལའེ་ཀྲིག་གི་ཉེན་རྟོག་ཆེད་དོན་པ་ཨ་ཁུའུ་ཨིན་གྱིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་བདུན་ཉིན་ཀྲིག་དེའི་པའོ་ཨར་རྫོང་གི་སྡེ་བ་ཞིག་ནས་འཇབ་རྒོལ་འགུལ་སྐྱོད་སྤེལ་བྱས་པ་དང་། ཡུལ་དངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་ཡོད་ལ། མི་དགུར་རྨས་ཕོག་ཡོད། གཞན་ཡང་བྱིས་པ་གསུམ་བཙན་ཁྲིད་བྱས་པར་མ་ཟད། འཇབ་རྒོལ་མཁན་གྱིས་ཁང་བ་སྐོར་ཞིག་མེར་བསྲེག་པ་དང་བ་གླང་འགའ་འཕྲོག་སོང་ཟེར། 

ཨ་ཁུའུ་ཨིན་གྱིས་བཤད་རྒྱུར། ས་གནས་སྲིད་གཞུང་གིས་ཁྲིམས་འཛིན་མི་སྣ་མངག་ནས་སྐོར་ཞིབ་ལ་ཤུགས་སྣོན་བྱས་ཏེ། འཁྲུག་རྩོད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།