ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཅིག་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་ཞེ་དགུར་བསླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་ལྔ་སྟོང་བཞི་ཉིས་བརྒྱ་དོན་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཅིག་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་ཞེ་དགུར་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བཞི་བརྒྱ་དགུ་བཅུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དྲུག་དང་ཁྲི་བཞི་སྟོང་དྲུག་དྲུག་བརྒྱ་ཞེ་གཅིག་ལ་བསླེབ་ཡོད།