ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་དབྱིན་ཇིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་དུ་འཇུག་མི་རུང་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། དབྱིན་ཇིའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་ཁ་ལུའོ་ལིན·ཧྥེར་པེ་ཨེན་གྱིས། དབྱིན་ཀྲུང་འབྲེལ་བ་ནི་དབྱིན་ཇིའི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་དང་དེ་བས་རྒྱ་ཆེ་བའི་ཁེ་ཕན་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། དབྱིན་ཇིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་མི་རུང་ཟེར།

ཧྥེར་པེ་ཨེན་གྱིས་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་བཀོད་པའི་རྩོམ་ཡིག་ཅིག་གི་ནང་། དབྱིན་ཇི་བ་ཁྲི་ཕྲག་མང་པོས་རིམས་ནད་གསར་པའི་དབང་གིས་ལས་ཀ་ཤོར་བའི་རྒྱབ་ལྗོངས་འོག འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཡིན་པའི་ཀྲུང་གོའི་ཁྲོམ་རས་དབྱིན་ཇིའི་ལས་ཞུགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

རྩོམ་ཡིག་ནང་དུ་དབྱིན་ཇི་དང་ཀྲུང་གོའི་ཉོ་ཚོང་མཐུན་ཚོགས་ཀྱི་ཉེ་ལམ་གྱི་བརྟག་དཔྱད་ཞིག་དྲངས་ནས་བསྟན་དོན། དབྱིན་ཀྲུང་རྒྱལ་ཁབ་གཉིས་པོས་ཚོང་དོན་དང་ཡུལ་སྐོར། མཐོ་རིམ་སློབ་གསོ་བཅས་ཐད་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་གིས་དབྱིན་ཇིའི་ལས་ཞུགས་ལས་རྐང་འབུམ་གཅིག་དང་ཁྲི་ལྔ་ལ་འདེགས་སྐྱོར་བྱས་ཡོད། གཞན་ཡང་ཀྲུང་གོའི་ཐོན་འབྲིང་མི་ཚོགས་ཀྱིས་དབྱིན་ཇིའི་ཚོང་ཟོག་དེ་བས་མང་བ་ཉོ་བ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་དབྱིན་ཇིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་འཕར་ཡོད།    ཧྥེར་པེ་ཨེན་གྱིས་བཤད་རྒྱུར། དབྱིན་ཇི་སྲིད་གཞུང་གིས་མིག་རྒྱང་རིང་པོ་བཅངས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་དུ་འཇུག་མི་རུང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།