ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མེན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་པས་གདོང་ཐུག་བྱས་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མེན་བདེ་འཇགས་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཡེ་མེན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་པས་ཉིན་དེར་ཧུང་ཧའེ་གྲོང་ཁྱེར་ཧོ་ཐའེ་ཏར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་པོའི་མི་དྲུག་རྐྱེན་ལམ་དུ་ཤོར་བ་རེད།

མིང་ཤོད་འདོད་མེད་པའི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཡེ་མེན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་དཔུང་གཉིས་ཧོ་ཐེ་ཏ་ལྷོ་རྒྱུད་ཀྱི་ཐུའུ་ཧའེ་ཐ་ས་ཁུལ་དུ་གདོང་གཏུག་བྱུང་ནས། ཧུའུ་སེ་དྲག་ཆས་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་རེད། སྲིད་གཞུང་གི་དམག་དཔུང་ཐད་ལ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཁྱོན་བསྡོམས་ཕྱོགས་གཉིས་ཀའི་མི་བཅུ་ལྷག་ལ་རྨས་ཕོག་ཡོད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པར། ཡེ་མེན་ཧུའུ་སའེ་དྲག་ཤུགས་ཀྱིས་རྒྱལ་ས་ས་ནར་འཕྲོག་ཅིང་། རྗེས་སུ་ཡེ་མེན་ལྷོ་རྒྱུད་ས་ཁུལ་བཙན་བཟུང་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་ལ་དམིགས་ནས། “འཕྲལ་ཐག་ཆོད་པའི་རླུང་འཚུབ”ཅེས་པའི་དམག་དོན་བྱ་སྤྱོད་སྤེལ་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཡེ་མེན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་བར་ཧོ་ཐའེ་ཏའི་དམག་མཚམས་འཇོག་པ་དང་བཟུང་དམག་བརྗེ་རེས་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་ངོས་འཛིན་གཅིག་མཐུན་བྱུང་མོད། འོན་ཀྱང་ཡུན་རིང་མ་སོང་བར་ཕྱོགས་གཉིས་པོས་ཕན་ཚུན་བར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་གཏོར་བཤིག་བཏང་བར་སྐྱོན་འཛུགས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།