ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀ་ལི་པི་ཡའི་གནད་དོན་ཐད་ནས་མཉམ་འབྲེལ་བྱ་བའི་ཚན་ཁག་འཛུགས་རྒྱུར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བཤད་དོན། རྒྱལ་ཁབ་གཉིས་ཀ་ལི་པི་ཡའི་གནད་དོན་ཐད་ནས་མཉམ་འབྲེལ་བྱ་བའི་ཚན་ཁག་འཛུགས་རྒྱུར་འཐད་པ་བྱུང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཞེ་ཨར་ཀེ་ཝེ་ཨར་ཞི་ཉིན་དང་ཐུར་ཁེ་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་སེ་ཏ་ཐི་ཨུག་ན་ཨར་གཉིས་ཀྱིས་ཚེས་ཉེར་གཅིག་དང་ཚེས་གཉིས་ཉིན་གཉིས་ལ་ཐུར་ཁེ་ཡི་རྒྱལ་ས་ཨ་ཁ་ལ་ནས་ལི་པི་ཡའི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་རྗེས་སུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བཤད་དོན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ལི་པི་ཡའི་ཕྱོགས་སོ་སོས་ ཡུན་རིང་དང་རྒྱུན་མཐུད་སྒོས་འཁྲུག་རྩོད་མཚམས་འཇོག་པར་ཆ་རྐྱེན་སྐྲུན་པར་སྐུལ་མ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀ་ལི་པི་ཡའི་གནད་དོན་ཐད་ནས་མཉམ་འབྲེལ་བྱ་བའི་ཚན་ཁག་ཅིག་འཛུགས་པར་འཐད་པ་བྱུང་བར་མ་ཟད། ཅང་མི་འགོར་བར་སྐོར་ཐེངས་རྗེས་མའི་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།