ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གི་སྐོར་གཉིས་པའི་ན་སྨི་པི་ཡ་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་སྤྲོད་ལེན་མཛད་སྒོ་ན་སྨི་པི་ཡའི་རྒྱལ་ས་ཝུན་ཏི་ཧི་ཁི་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གི་སྐོར་གཉིས་པའི་ན་སྨི་པི་ཡ་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་སྤྲོད་ལེན་མཛད་སྒོ་ཚེས་བཅོ་ལྔ་ཉིན་ན་སྨི་པི་ཡའི་རྒྱལ་ས་ཝུན་ཏི་ཧི་ཁི་ནས་བསྡུས།

ན་སྨི་པི་ཡ་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་དབྱི་མེན་དང་ན་སྨི་པི་ཡའི་འཕྲོད་བསྟེན་པུའུ་ཀྲང་ཧྲང་ཀུའུ་ལ་གཉིས་ཀ་དངོས་རྫས་སྤྲོད་ལེན་མཛད་སྒོར་ཞུགས་པར་མ་ཟད་དངོས་རྫས་སྤྲོད་ལེན་དཔང་ཡིག་སྟེང་མིང་བཀོད།

ཀྲང་དབྱི་མེན་གྱིས་བཤད་དོན། ཀྲུང་གོ་དང་ན་སྨི་པི་ཡ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རོགས་རེས་བྱས་ཏེ་རིམས་འགོག་བྱ་བ་སྒྲུབ་པ་དེ་ལས་ཀྲུང་གོ་དང་ན་སྨི་པི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མཚོན་པར་བྱས་པ་དང་། ཀྲུང་གོ་དང་ན་སྨི་པི་ཡ་བར་གྱི་མཛའ་བཤེས་ཟབ་མོ་དང་གྲོགས་པོ་བཟང་བོའི་རྣམ་པ་ཇི་བཞིན་དུ་བརྗོད་ཡོད་ལ། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གྲོས་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་བྱ་སྤྱོད་ངོ་མ་ཡང་ཡིན་ཟེར།

ཧྲང་ཀུའུ་ལ་ཡིས་བཤད་དོན། འདས་པའི་གཟའ་འཁོར་བཞིའི་ནང་། ན་སྨི་པི་ཡ་རྒྱལ་ཁབ་ཏུ་རིམས་ནད་བྱུང་བའི་གནས་བབ་ཛ་དྲག་ཆེ་ཞིང་ནད་པ་འཕར་ཚད་ཅུང་མགྱོགས་པ་དང་། ལོགས་བཀར་སྒྲིག་ཆས་དང་མི་སྒེར་གྱི་འགོག་སྲུང་དངོས་རྫས་ཀྱི་དགོས་མཁོ་ཤིན་ཏུ་ཆེ། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་དེར་དམིགས་ཏེ་ན་སྨི་པི་ཡ་ལ་རིམས་འགོག་དངོས་རྫས་འདོན་སྤྲོད་བྱས་ནས་དཀའ་ཁག་སེལ་རོགས་བྱས། ཁོས་ན་སྨི་པི་ཡ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོས་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།