ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱད་བརྒྱད་བརྒྱ་ཉེར་བདུན་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱད་བརྒྱད་བརྒྱ་ཉེར་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་དགུ་ཉིན་གྱི་ཆུ་ཚོད་བཅུ་པའི་བར་དུ།  ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་ལ་ངོས་བཟུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་འབུམ་གཉིས་དང་སྟོང་བཞི་དགུ་བརྒྱ་སོ་བཞི་ཇེ་མང་དུ་སོང་ནས། ད་ཡོད་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱད་བརྒྱད་བརྒྱ་ཉེར་བདུན་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་ལྔ་བརྒྱ་དང་དོན་ལྔ་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་ལྔ་དང་ཁྲི་བཞི་བརྒྱད་བརྒྱ་སོ་གསུམ་ལ་སླེབས་ཡོད།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་འབུམ་གཉིས་དང་སྟོང་བཞི་དགུ་བརྒྱ་རེ་བདུན་འཕར་སྣོན་བྱུང་བ་དང་། ཁྱོན་བསྡོམས་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་བདུན་སྟོང་བཞི་དང་ཉིས་བརྒྱ་ཉེར་དྲུག་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་ལྔ་བརྒྱ་དོན་ལྔ་འཕར་སྣོན་བྱུང་བ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་བཞི་སྟོང་ལྔ་བཞི་བརྒྱ་གྱ་གཅིག་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།