ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་ཁུ་ལི་པ་ལི་སྐུ་གཤེགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་ཡིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་བཤད་རྒྱུར། ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་ཁུ་ལི་པ་ལི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཚེ་ལས་འདས་སོང་ཟེར།

ཝ་ཐ་ལ་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཐོག་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁུ་ལི་པ་ལི་དེ་ཉིན་ཕྱི་དྲོ་པུའུ་ཀྲང་གི་ཚོགས་འདུར་ཞུགས་རྗེས་སྐུ་གཤེགས་པ་རེད། ཁོས་ཁུ་ལི་པ་ལི་ཚེ་ལས་འདས་པའི་རྒྱུ་རྐྱེན་གསལ་བཤད་བྱས་མེད།

ཟླ་བདུན་པའི་ཚེས་གཉིས་ཉིན། ཁུ་ལི་པ་ལིས་ཧྥ་རན་སི་རུ་སྙིང་ཁམས་གཤགས་བཅོས་བྱས་རྗེས་རྒྱལ་ནང་དུ་ལོག་པ་རེད།

ཁུ་ལི་པ་ལི་ནི་གཅིག་དགུ་ང་དགུ་ལོའི་ཟླ་གཉིས་པར་སྐྱེས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་ཁོ་ཐེ་ཏི་ཝོར་གྱི་ཙུང་ལིའི་འགན་འཁུར་འགོ་ཚུགས་པ་རེད། ད་ལོའི་ཟླ་གསུམ་པར། ཁོ་ཐེ་ཏི་ཝོར་གྱི་སྲིད་སྐྱོང་ཏང་གི“ཝུའུ་ཕུའུ་ཨའེ་དམངས་གཙོ་ཞི་བདེ་མནའ་འབྲེལ”གཅིག་གྱུར་ཏང་གིས་ཏང་དེའི་འོས་མིར་གཏན་འཁེལ་བྱས་པ་དང་། ད་ལོའི་ལོ་མཇུག་གི་ཙུང་ཐུང་འདེམས་བསྐོ་ཆེ་མོའི་ནང་ཞུགས་འཆར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།