ཀྲུང་གོ་བོད་ཀྱི་དྲ་བ།

མོ་རོ་ཁོ་ཡིས“དབྱི་སི་ལམ་རྒྱལ་ཁབ”དང་འབྲེལ་བ་ཡོད་པའི་མི་སྣ་བཞི་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་རོ་ཁོའི་ནང་སྲིད་པུའུ་ཡིས་ཚེས་བདུན་ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། མོ་རོ་ཁོའི་ཀྲུང་དབྱང་ཁྲིམས་འཛིན་བརྟག་དཔྱད་ཅུའུ་ཡིས་ཉིན་དེར་བྱང་རྒྱུད་གྲོང་ཁྱེར་ན་ཙོར་དུ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”དང་འབྲེལ་བ་ཡོད་པའི་མི་སྣ་བཞི་འཛིན་བཟུང་བྱས།

སྤྱི་བསྒྲགས་ནང་བཤད་རྒྱུར། འཛིན་བཟུང་བྱས་པའི་མི་བཞི་ནི་ལོ་ཉེར་གཅིག་ནས་ཉེར་དྲུག་བར་ཡིན་པ་དང་། དེ་སྔོན་འཛིན་བཟུང་བྱས་པའི་འཇིགས་སྐུལ་མི་སྣ་དང་འབྲེལ་བ་དམ་ཟབ་ཡོད་ཟེར། བརྟག་དཔྱད་ལས་མངོན་པ་ལྟར་ན། མི་བཞི་པོ་དེར“དབྱི་སི་ལམ་རྒྱལ་ཁབ”ཀྱི་ཐལ་སྐྱོད་བསམ་བློའི་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་མོ་རོ་ཁོའི་གནས་ཡུལ་གལ་ཆེན་ཁག་གཅིག་ཏུ་འཇིགས་སྐུལ་འཇབ་རྒོལ་བྱེད་རྩིས་ཡོད་པ་རེད།

སྤྱི་བསྒྲགས་ནང་མོ་རོ་ཁོ་ཁྲིམས་འཛིན་སྡེ་ཁག་གིས་གྱོད་གཞི་དེར་སྔར་ལས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་འཁོད་ཡོད།

ཉིས་སྟོང་གསུམ་ལོའི་ཟླ་ལྔ་པར། མོ་རོ་ཁོའི་བྱང་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཁཱ་ས་པུའུ་ལན་ཁར་འཇིགས་སྐུལ་འཇབ་རྒོལ་ཕོག་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་རེད། མོ་རོ་ཁོ་ཡིས་དེ་རྗེས་སྔོན་འགོག་རང་བཞིན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་སྤྱད་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།