ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཏཱ་ཧི་གྲོང་ཁྱེར་གྱིས་མི་རྣམས་ཀྱིས་འགྲོ་ཞོར་ལ་ཁ་པར་བལྟ་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་ཁྲིམས་བསྟར་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

86ddeea132ee44998554b144a873c0ea.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་ཟླ7པའི་ཚེས1ཉིན། འཇར་པན་ཧྲིན་ནའེ་ཁྲོན་རྫོང་ཏཱ་ཧི་གྲོང་ཁྱེར་གྱིས་མི་རྣམས་ཀྱིས་འགྲོ་ཞོར་ལ་ཁ་པར་བལྟ་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་ཁྲིམས་བསྟར་འདུག ཁྲིམས་སྲོལ་སྐོར་གྱི་གསལ་འདེབས་ཆ་འཕྲིན་གང་སར་མཐོང་རྒྱུ་ཡོད། འཇར་པན་མཉམ་འབྲེལ་གསར་འགྱུར་ཁང་གི་འཕྲིན་སྤེལ་བ་ལྟར་ན། འཇར་པན་ཧྲིན་ནའེ་ཁྲོན་རྫོང་ཏཱ་ཧི་གྲོང་ཁྱེར་གྲོས་ཚོགས་ཀྱིས་ཚེས25ཉིན་མི་རྣམས་ཀྱིས་འགྲོ་ཞོར་ལ་ཁ་པར་བལྟ་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་ཁྲིམས་སྲོལ་ལ་གྲོས་འཆམ་བྱུང་བ་དང་འདི་ནི་བྱ་སྤྱོད་འདིའི་སྐོར་གྱི་འཇར་པན་གྱི་ཁྲིམས་སྲོལ་ཐོག་མ་ཡིན་པ་རེད། ཁ་གསལ་གྱི་ཁྲིམས་ཆད་གཏན་ཁེལ་མེད་ནའང་། བྱེད་སྟངས་འདིས་གྲོང་མིར་ཁ་པར་སྤྱོད་དུས་འགྲོ་མཚམས་བཞག་ནས་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པའི་འདུ་ཤེས་ཇེ་ཆེར་བཏང་བ་རེད། ཁྲིམས་སྲོལ་འདི་ཟླ7པའི་ཚེས1ཉིན་ནས་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།