ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དགུ་དང་འབུམ་དགུ་ཁྲི་གསུམ་སྟོང་དྲུག་བརྒྱ་དང་གོ་བདུན་ལ་བསླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དགུ་དང་འབུམ་དགུ་ཁྲི་གསུམ་སྟོང་དྲུག་བརྒྱ་དང་གོ་བདུན་ལ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བདུན་སྟོང་བརྒྱད་སུམ་བརྒྱ་བཅུ་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་དགུ་དང་འབུམ་དགུ་ཁྲི་གསུམ་སྟོང་དྲུག་བརྒྱ་དང་གོ་བདུན་ལ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་བརྒྱ་དང་ང་གསུམ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་དགུ་སྟོང་ལྔ་ཉིས་བརྒྱ་རེ་ལྔར་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བདུན་སྟོང་བརྒྱད་སུམ་བརྒྱ་ཉེར་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ཁྲི་གཉིས་སྟོང་གཅིག་བཞི་བརྒྱ་དང་གཅིག་ཏུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་བརྒྱ་དང་ང་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བཞི་དང་ཁྲི་དགུ་སྟོང་དགུ་དགུ་བརྒྱ་དང་བཅུ་གསུམ་ལ་བསླེབ་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།