ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་གླིང་གསར་སྤེལ་དངུལ་ཁང་གིས་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ལ་མེ་སྒོར་དུང་ཕྱུར་ལྔའི་རིམས་འགོག་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་གླིང་གསར་སྤེལ་དངུལ་ཁང་གི་ཝུའུ་ཙི་པེ་ཁི་སི་ཐན་དུ་སྡོད་པའི་འཐུས་མིའི་ཁྲུའུ་ཡིས་ཉེ་སྔོན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨེ་ཤ་ཡཱ་གླིང་གསར་སྤེལ་དངུལ་ཁང་གིས་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ལ་མེ་སྒོར་དུང་ཕྱུར་ལྔའི་དངུལ་བུན་འདོན་སྤྲོད་བྱས་ནས། རྒྱལ་ཁབ་དེའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དངུལ་བུན་དེ་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་ཞིབ་བཤེར་ཚོད་ལྟ་ཁང་དང་ཁ་ཁར་དགར་ས་གསར་འཛུགས་བྱེད་པ་དང་། གསོ་བཅོས་སྒྲིག་ཆས་དང་འགོག་སྲུང་མཁོ་དངོས་ཉོ་བསྡུ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱས་ནས་ཚད་ཆེན་པོའི་སྒོ་ནས་ལས་ཤོར་གྱི་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལ། སྤྱི་ཚོགས་འགན་སྲུང་མ་ལག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་ཀྲུང་དབྱང་དངུལ་ཁང་གིས་ཟླ་སྔོན་མའི་ཟླ་མགོར་ད་ལོར་ཝུའུ་ཙི་པེ་ཁི་སི་ཐན་གྱི་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་འཆར་གཞི་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔའི་བར་ཇེ་དམའ་རུ་གཏོང་རྒྱུ་ཡིན་པར་མ་ཟད། རིམས་ནད་ཀྱིས་གནས་སྐོར་དང་མགྲོན་ཁང་། རྒྱལ་སྤྱིའི་སྐྱེལ་འདྲེན། རོལ་རྩེད་ལས་རིགས་སོགས་ལ་གནོད་པ་ཅུང་ཆེན་པོ་ཐེབས་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།