ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ཚེས་དགུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གྱ་གསུམ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གྱ་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་ལྔ་དང་ལྔ་བརྒྱ་རེ་གཅིག་ལ་སླེབས། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་གཉིས་དང་རེ་གཉིས་དྲག་སྐྱེད་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་དང་དྲུག་བརྒྱ་ཞེ་དྲུག་དྲག་སྐྱེད་བྱུང་། ནད་པ་དོན་དགུ་རྐྱེན་ལམ་དུ་ཤོར་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་སྟོང་བཞི་དང་ཞེ་གསུམ་རྐྱེན་ལམ་དུ་ཤོར།

དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཀྲང་སི་ཕེ་ལན་ཀྲ་ཡིས་ཉིན་དེར་བསྡུས་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་འཕྲོད་བསྟེན་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་སྟེང་བཤད་དོན། ཡོ་རོབ་གླིང་ས་ཁུལ་དུ་རིམས་ནད་གནས་བབ་རིམ་བཞིན་ཞི་འཇགས་སུ་སོང་ཡོད་ནའང་འཛམ་གླིང་ཡོངས་ཀྱི་ས་ཁུལ་གང་མང་དུ་རིམས་ནད་བྱུང་ཚད་ལ་སེམས་ཁུར་བྱེད་བཞིན་ཡོད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཚན་ཞིབ་དང་པྲོག་དབྱིབས་ནད་དུག་གི་འགོག་ཁབ་གསར་བཟོ་བྱེད་པ་དང་། དེ་མིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅོས་སྒྱུར་སོགས་ཕྱོགས་སུ་མཉམ་ལས་བཟང་བོ་བྱེད་རྒྱུ་སྲུང་འཛིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།