རྒྱ་གར་གྱིས་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཐབས་ཟླ6པའི་ཚེས30ཉིན་བར་ནར་འགྱངས་བྱེད་རྒྱུ་རེད།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་སུམ་ཅུ་ཉིན།རྒྱ་གར་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ལག་བསྟར་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱ་ཐབས་སླར་ཡང་ཟླ་བ་གཅིག་གི་རིང་ནར་འགྱངས་བྱས་ཏེ། ནར་འགྱངས་བྱེད་ཡུན་ཟླ6ཚེས30ཉིན་བར་ཡིན་པ་རེད།

རྒྱ་གར་ནང་སྲིད་པུའུ་ཡིས་ཉིན་དེའི་དགོང་མོར་བཀའ་ཁྱབ་བསྒྲགས་ནས་བཤད་རྒྱུར། རྒྱ་གར་གྱིས་ཟླ6ཚེས1ཉིན་ནས་ཟླ6ཚེས30ཉིན་བར་དུས་མཚམས་རྗེས་མའི་རྒྱལ་ཡོངས་སུ་བཀག་སྡོམ་བྱས་པ་དང་། དེའི་རིང་རྒྱལ་སྤྱིའི་ཚོང་ལས་དུས་གཏན་གནམ་གྲུ་གནས་སྐབས་སླར་གསོ་བྱ་རྒྱུ་མིན་པ་པར་མ་ཟད། དགོང་མོའི་ཆུ་ཚོད9པ་ནས་ཕྱི་ཉིན་གྱི་ཆུ་ཚོད5པའི་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚན་འགྲུལ་བཀག་འགོག་བྱེད་རྒྱུ་རེད།

བཀའ་རྒྱའི་ནང་གི་བཀག་སྡོམ་དུས་སྐབས་ཀྱི་མཛུབ་སྟོན་བྱེད་ཕྱོགས་ལྟར། དུས་རིམ་གསར་བའི་བཀག་སྡོམ་གྱིས་དོ་དམ་ནན་མོ་བྱེད་སའི་ས་ཁུལ་དང་དོ་དམ་ནན་མོ་བྱེད་ཡུལ་མིན་པའི་ས་ཁུལ་རིགས་གཉིས་སུ་བཀར་ཡོད། དོ་དམ་ནན་མོ་བྱེད་སའི་ས་ཁུལ་གྱིས་བཀག་སྡོམ་ནན་མོ་བྱེད་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་དམངས་འཚོ་འགན་ལེན་གྱི་ལས་རིགས་གཉེར་སྐྱོང་མ་གཏོགས་ལས་རིགས་གཞན་སྔར་བཞིན་གཉེར་མི་ཆོག་པ་དང་། དོ་དམ་བྱེད་ཁོངས་མིན་པའི་དོ་དམ་ས་ཁུལ་གྱིས་ཟླ6ཚེས1ཉིན་ནས་བཟུང་ས་ཁོངས་ནང་གི་མི་སྣ་དང་རླངས་འཁོར། དེ་བཞིན་ས་ཁོངས་ལས་བརྒལ་བའི་དབར་གྱི་ཟོག་འདྲེན་རླངས་འཁོར་བཅས་རང་དགར་བཏང་ཆོག་པ་དང་། ཟླ6ཚེས8ཉིན་ནས་བཟུང་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆང་ཁང་། ཟ་ཁང་། དངོས་ཟོག་ཉོ་ཚོང་ལྟེ་གནས་སོགས་སྒོ་ཕྱེ་ཆོག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།