ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་དྲ་བ།   རྩོམ་པ་པོ། : ལོ་ཙཱ་བ།བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་ཚེས་སུམ་ཅུའི་ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་ཚེས་སུམ་ཅུའི་ཉིན་ཨ་མེ་རི་ཁའི་རྒྱལ་ཁབ་ཁེ་ཕན་ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མི་རྣམས་ཀྱིས་བལྟས་ན་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཆེས་མི་ལེགས་པའི་སྐབས་སུ་བསླེབ་ཡོད་པར་བསམ་ཡང་ཅང་མི་འགོར་བར་དེ་ལས་ཀྱང་ཇེ་སྡུག་ཏུ་འགྲོ་སྲིད་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བལྟས་ན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བའི་འབུར་ཐོན་གྱི་སྣང་ཚུལ་ཞིག་ནི་དམག་དཔུང་ཚོད་འཛིན་ཁྱབ་ཁོངས་ཡིན། ཨ་མེ་རི་ཁས་དམག་དཔུང་ཚོད་འཛིན་ཁྱབ་ཁོངས་ནས་ཨུ་རུ་སིའི་བར་རོགས་ལས་བྱས་ནས་ཕན་འབྲས་བཟང་བར་ཡིད་ཆེས་མི་བྱེད་པ་དང་། ཨུ་རུ་སིའི་བར་བཀོད་པའི་དམག་དཔུང་ཚོད་འཛིན་གྱི་ཆིངས་ཡིག་དེས་རང་གི་ཁེ་ཕན་ལ་བཀག་རྒྱ་བཟོས་ཡོད་པར་འདོད། ཨ་མེ་རི་ཁས་ཁ་གཡར་ས་བཙལ་ནས་དམག་དཔུང་ཚོད་འཛིན་གྱི་ཆིངས་ཡིག་ལས་ཕྱིར་འབུད་པར་བརྩོན་བཞིན་ཡོད་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་སྔོན་དཔག་བྱེད་ཐབས་མེད་པ་དང་། དེ་འཇམ་འཐབ་དུས་སྐབས་དང་མི་འདྲ་བ་ཡིན། འཇམ་འཐབ་དུས་སྐབས་སུ་ཨ་མེ་རི་ཁ་དང་སུའུ་ལེན་དགྲ་རུ་ལངས་པར་ཉེན་ཁ་སྔར་ལས་ཆེ་ཡང་། སྐབས་ཐོག་དེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྔོན་དཔག་རང་བཞིན་ལྡན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།