ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་བཏང་བའི་མི་བསྡད་མེད་པའི་གནམ་གྲུ་འགའ་སར་འཕངས། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུའི་དམིགས་འབེན་ནི་སོ་ཏི་ཨ་རབ་ལྷོ་ངོས་མཐའ་མཚམས་ཀྱི་གྲོང་ཁྱེར་ནེ་ཅི་ལན་གྱི་སྡོད་ཁུལ་ཡིན་པ་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འཁྲུག་རྩོད་མཚམས་བཞག་སྟེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འབོད་སྐུལ་དང་ལེན་བྱེད་ཆེད། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཟླ་བཞི་བའི་ཚེས་དགུ་ཉིན་ནས་བཟུང་ཡེ་མིན་དུ་གཟའ་འཁོར་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་པ་དང་། རྗེས་སུ་ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཟླ་ངོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།