ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་གོ་བདུན་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་གོ་བདུན་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་ལྔ་བརྒྱ་དང་ང་ལྔ་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་དོན་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་གཉིས་དགུ་བརྒྱ་ང་ལྔ་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་ནད་པ་སྟོང་གཉིས་དང་དྲུག་བརྒྱ་དོན་བདུན་དྲག་སྐྱེད་བྱུང་བ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་དང་དྲུག་བརྒྱ་ང་བརྒྱད་དྲག་སྐྱེད་བྱུང་། ད་ལྟ་ནད་པའི་ཁ་གྲངས་ཁྲི་ལྔ་དང་སྟོང་གཉིས་དགུ་བརྒྱ་ཞེ་གཉིས་ཇེ་ཉུང་དུ་སོང་ཞིང་། དེའི་ནང་དུ་མི་ཁྲི་བཞི་དང་སྟོང་བཞི་ལྔ་བརྒྱ་དང་བཞི་ཁྱིམ་ཚང་ལོགས་སུ་བཀར་ཡོད་པ་དང་མི་སྟོང་བདུན་དང་དགུ་བརྒྱ་བཅུ་བདུན་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། ནད་པ་ལྔ་བརྒྱ་དང་ཉེར་གཅིག་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

དབྱི་ཐ་ལི་ངལ་རྩོལ་པའི་ཚོང་རའི་སྒྲིག་གཞི་ཡིས་ཉེ་ལམ་སྤེལ་བའི་སྙན་ཞུ་ཞིག་གི་ནང་བསྟན་དོན། རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་པར་ གྲོང་ཁྱེར་བཀག་སྡོམ་བྱེད་ཐབས་སྤྱད་པ་དེས་རྒྱལ་ཁབ་རང་གི་ལས་ཞུགས་ལ་ཤུགས་རྐྱེན་ཆེན་པོ་བཟོས། སྒྲིག་གཞི་དེའི་འགན་འཁུར་བས་ཚེས་ཉེར་དྲུག་ཉིན་བཤད་དོན། རིམས་ནད་ཀྱིས་ད་ལོར་དབྱི་ཐ་ལི་རྒྱལ་ཁབ་ཀྱི་བྱ་བའི་ལས་གནས་འབུམ་ལྔ་ལ་གྱོང་གུད་ཐེབས་པ་དང་། ལས་ཞུགས་གནས་ཚུལ་དེ་ཉིས་སྟོང་ཉེར་གསུམ་ལོའི་བར་ད་གཟོད་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།