ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་བར་སྣང་གི་བཀག་སྡོམ་མེད་པར་གཏོང་བའི་སྲོལ་ཡིག་ཐད་བཏོན་པའི་ཆ་རྐྱེན་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་བར་སྣང་གི་བཀག་སྡོམ་མེད་པར་གཏོང་བའི་སྲོལ་ཡིག་ཐད་ནས་བཏོན་པའི་ཆ་རྐྱེན་དང་ལེན་བྱེད་མི་ཐུབ་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ལ་ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཁང་གི་སྤྲིངས་ཡིག་དངོས་སུ་འབྱོར་བ་དང་། ཨ་མེ་རི་ཁས་སྤྲིངས་ཡིག་ནང་བར་སྣང་གི་བཀག་སྡོམ་མེད་པར་གཏོང་བའི་སྲོལ་ཡིག་གི་འབྲེལ་ཡོད་རྒྱུད་རིམ་ལས་ཕྱིར་འབུད་རྒྱུ་ཡིན་པ་ཐག་བཅད་ཡོད་ཅེས་བསྟན་ཡོད། ལིས་ཡ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ལ་བཏོན་པའི་སྐྱོན་འཛུགས་དེར་གཞིར་འཛིན་ས་མེད་པ་དང་། ཨ་མེ་རི་ཁས་བར་སྣང་གི་བཀག་སྡོམ་མེད་པར་གཏོང་བའི་སྲོག་ཡིག་མུ་མཐུད་དུ་ལག་བསྟར་བྱེད་པའི་ཐད་བཏོན་པའི་ཆ་རྐྱེན་དང་ལེན་མི་བྱེད་པ་ཁོ་ཐག་ཡིན་ཟེར།

ལིས་ཡ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་མུ་མཐུད་དུ་བར་སྣང་གི་བཀག་སྡོམ་མེད་པར་གཏོང་བའི་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད། ཨ་མེ་རི་ཁའི་བར་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་ན་ཡང་། ཨ་མེ་རི་ཁས་བཏོན་པའི་ཆ་རྐྱེན་ལྟར་མི་འགྲོ་བ་ཁོ་ཐག་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།