ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མཐུན་སྒྲིལ་གྱིས་རིམས་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་འགོག་རྒོལ་གྱི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། དེར་གཞན་གྱི་མ་དངུལ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད། ད་ལྟ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་རིམས་ནད་འགོག་རྒོལ་བྱེད་དགོས་པ་ལས། ཕྱོགས་མང་མཉམ་ལས་ལ་སྐྱོན་འཛུགས་དང་དེར་གཏོར་བརླག་བྱེད་པའི་དུས་མ་ཡིན་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ལ་འཕྲིན་ཡིག་བསྐུར་ཏེ། གལ་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མ་འོངས་པའི་ཉིན་སུམ་ཅུའི་ནང་ངོ་བོའི་རང་བཞིན་ལྡན་པའི་ལེགས་བཅོས་མ་བྱས་ན། ཨ་མེ་རི་ཁས་ཚོགས་གྲོན་སྤྲོད་མཚམས་འཇོག་རྒྱུ་མ་ཟད། མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་སྡོད་མིན་ལ་ཡང་བསྐྱར་བསམ་བློ་གཏོང་ངེས་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པས་ཚེས་བཅུ་དགུའི་ཉིན་པུའུ་ལུའུ་སེར་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐི་ལིང་ཕུའུ་ཡིས་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉམས་ཉེན་དེའི་ཁྲོད་རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་ཐག་གཅོད་ཇུས་གཞིར་རྒྱབ་སྐྱོར་བྱས། མིག་སྔར་མཐུན་སྒྲིལ་གཅིག་གྱུར་བྱེད་པ་ལས་ཕྱོགས་མང་མཉམ་ལས་ལ་གཏོར་བརླག་དང་དེར་སྐྱོན་འཛུགས་བྱེད་མི་རུང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།