ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་ཞེ་གསུམ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བརྒྱད་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་ཞེ་གསུམ་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་དྲུག་ཉིས་བརྒྱ་སུམ་ཅུ་རྐྱེན་ལམ་དུ་ཤོར།

སྤྱི་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚོའི་ཁྲོད་དུ་སྨན་ཁང་ནས་ནད་པ་ཁྲི་གཅིག་དང་སྟོང་དྲུག་བཞི་བརྒྱ་གོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་བཅུ་གཅིག་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ནད་པ་སྟོང་དགུ་དང་བདུན་བརྒྱ་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་སོ་གཉིས་འཕར་སྣོན་བྱུང་།

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམ་ནད་ངོས་འཛིན་བྱས་པའི་ནད་པ་དྲུག་བརྒྱ་དང་ཞེ་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་བཞི་བརྒྱ་དང་ཉེར་གཅིག་ལ་སླེབས། དེའི་ནང་དུ་ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་དགུ་བཅུ་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉིས་བརྒྱ་དང་སོ་བདུན་འཕར་སྣོན་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།