ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི300ལས་བརྒལ་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(图表)[国际疫情]世卫组织:全球累计新冠确诊病例超过300万例

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས29ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ3018952ལ་འཕར་ཡོད་པ་དང་། དེའི་ཁྲོད་ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དག་གི་ནད་པ2934583འདུས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས29ཉིན་གྱི་ཆུ་ཚོད10བར་དུ(པེ་ཅིང་གི་ཆུ་ཚོད16)ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས66254ཇེ་མང་དུ་ཕྱིན་ཏེ་ད་ལྟ་ནད་པ2934583ལ་སླེབས་ཡོད་པ་དང་།  ཀྲུང་གོ་ཕུད་པའི་ཚེ་འདས་ནད་པ་སྔོན་ཉིན་ལས5376ཇེ་མང་དུ་ཕྱིན་ཏེ203330ལ་སླེབས་ཡོད།

 གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས66276ཇེ་མང་དུ་ཕྱིན་ཏེ་ད་ལྟ་ནད་པ3018952ལ་སླེབས་པ་དང་། ཚེ་འདས་ནད་པ་སྔོན་ཉིན་ལས5376འཕར་ཏེ་ད་ལྟ207973ལ་སླེབས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།