ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་གསེར་གྱོམ་རྒྱལ་ཁབ་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་དམིགས་བསལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་པེ་ཅིང་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་དམིགས་བསལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་སྤེལ་བ་དང་། ད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཨ་ལའོ་རོའུ། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན། ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་བློན་ཆེན་ཕན་ཏའོ་ཨར་བཅས་གྲོས་ཚོགས་ལ་ཞུགས། 

རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ལག་རྡང་སྦྲེལ་ནས་རིམས་འགོག་བྱེད་པ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་སོ་སོས་བལྟས་ན། གསེར་གྱོམ་རྒྱལ་ཁབ་ཀྱིས་ངེས་པར་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱེད་པ། རིམས་འགོག་བརྡ་འཕྲིན་དང་ཉམས་མྱོང་མཉམ་སྤྱོད་བརྗེ་རེས་ཟབ་མོ་བྱེད་པ། སྨན་རྫས་དང་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་སྤེལ་ཏེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ནད་དུག་ཐག་གཅོད་བྱས་ཤིང་། འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་གྱི་བདེ་འཇགས་ལ་སྲུང་སྐྱོབ་དང་། ཧུར་ཐག་སྒོས་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཞི་འཇགས་སུ་གཏོང་དགོས་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།