ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ཚེ་འདས་ནད་པ་ཁྲི20ལས་བརྒལ་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས23ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ཚེ་འདས་ནད་པ་ཁྲི20ལས་བརྒལ་ཏེ202597ལ་སླེབས་ཡོད་པ་རེད།

ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད2བར་དུ(པེ་ཅིང་གི་ཆུ་ཚོད8)གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ2954222ཡོད་པ་དང་ཚེ་འདས་ནད་པ202597ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  ཨ་རི་ནི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་པའི་རྒྱལ་ཁབ་ཡིན་ལ་ནད་པ960916ལ་སླེབས་ཤིང་།  སི་ཕེན་དུ་ནད་རྟགས་ཐག་བཅད་པའི་ནད་པ209465དང་དབྱི་ཐ་ལི་རུ199414དང་།  འཇར་མན་དུ156337དང་། ཧྥ་རན་སི་རུ127008དང་། ཐུར་ཁེ་རུ112261བཅས་ཡོད།

ཚེ་འདས་ནད་པ་ཆེས་མང་པའང་ཨ་རི་རྒྱལ་ཁབ་ཡིན་ལ་ཚེ་འདས་ནད་པ49170ཡོད་ལ་དབྱི་ཐ་ལི་རུ་ཚེ་འདས་ནད་པ26977དང་། ཧྥ་རན་སི་ལ23261།  སི་ཕེན་ལ229422། དབྱིན་ཇི་རུ23521བཅས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་ཁོངས་ལྟར་བསྡོམས་རྩིས་བྱས་པ་ལ་གཞིགས་ན། ཡོ་རོབ་ཁུལ་ནི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བའི་ཁུལ་ཡིན་ལ་ནད་པ1386693ལ་སླེབས་ཡོད་པ་དང་། མེ་གླིང་ཁུལ་དུ་ནད་པ1179607ཡོད་པ་རེད། དེ་མིན་ས་ཁུལ་གཞན་དག་གི་ཐག་བཅད་ནད་པ་བལྟོས་བཅས་ཀྱིས་ཅུང་ཉུང་བ་རེད།

 ཚེས27ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས“པྲོག་གསར་གློ་ཚད་ཀྱི་རིམས་ནད་ད་དུང་མཇུག་འགྲིལ་མེད་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་དང་། ཡོ་རོབ་ཤར་མ། ལ་ཏིང་མེ་གླིང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནས་ཐག་བཅད་ནད་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད”ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།