ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡས་བཀག་སྡོམ་བྱེད་ཐབས་ཟླ་ལྔ་བའི་ཟླ་དཀྱིལ་བར་དུ་རྒྱུན་བསྲིང་རྒྱུ་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་མ་བྱུང་གོང་དུ། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་བཀག་སྡོམ་དུས་བཅད་དེ་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར།

ཨར་ཅི་རི་ཡའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་ཙུང་ལི་བཞུགས་ཤག་གི་གསལ་བསྒྲགས་ནང་བཤད་རྒྱུར། ཉེ་ལམ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་ཇེ་ཉུང་དུ་མ་སོང་བའི་དབང་གིས། ཨར་ཅི་རི་ཡའི་སྲིད་གཞུང་གིས་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་བཀག་སྡོམ་བྱེད་ཐབས་དེ་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་བར་རྒྱུན་བསྲིང་རྒྱུའི་ཐག་བཅད་ཟེར།

དེ་ནི་ཨར་ཅི་རི་ཡའི་སྲིད་གཞུང་གིས་ཡང་བསྐྱར་བཀག་སྡོམ་བྱེད་ཡུན་རྒྱུན་བསྲིང་བ་ཡིན་ལ། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། ཨར་ཅི་རི་ཡའི་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཡུན་དེ་ཚེས་ཉེར་དགུ་ཉིན་བར་རྒྱུན་བསྲིང་།

ཨར་ཅི་རི་ཡའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨར་ཅི་རི་ཡའི་ཉིན་དེའི་གསར་དུ་བྱུང་བའི་པྲོག་གསར་གློ་ཚད་འགོས་པའི་ནད་པ་བརྒྱ་དང་སོ་ལྔ་ཡོད་པ་དང་། བསྡོམས་པས་སྟོང་གསུམ་དང་ལྔ་བརྒྱ་བཅུ་དུན་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་བཞི་བརྒྱ་དང་སོ་གཉིས་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།