ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་དགུ་དང་བཞི་བརྒྱ་བཅུ་བཞི་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས27ཉིན། དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལ་རྒྱལ་ཁབ་ཏུ་ཉིན་དེར་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་དགུ་དང་བཞི་བརྒྱ་བཅུ་བཞི་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་བདུན་བརྒྱ་སོ་དགུ་འཕར་སྣོན་བྱུང་།

དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཁུར་བ། པྲོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་མི་པོ་ལོས་ལིས་ཀྱིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་ནད་པ་སུམ་བརྒྱ་དང་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་སྡོམ་པས་ནད་པ་ཁྲི་གཉིས་དང་སྟོང་དྲུག་དགུ་བརྒྱ་དོན་བདུན་རྐྱེན་ལམ་དུ་ཤོར། བསྡོམས་པས་ནད་པ་ཁྲི་དྲུག་དང་སྟོང་དྲུག་དྲུག་བརྒྱ་ཉེར་བཞི་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་ཟེར།

དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་ཡིས་ཉིན་དེར་བརྙན་རིས་བརྒྱུད་དེ་རྒྱལ་ཡོངས་ཀྱི་རིམས་ནད་དབང་གིས་ད་ལོའི་ཟླ་དགུ་བའི་ནང་ད་གཟོད་སློབ་གྲྭར་ཡོང་ཆོག་པའི་སློབ་མ་ས་ཡ་བརྒྱད་ལ་གཏམ་བཤད་སྤེལ། མ་ཐ་ལོས་ལ་ཡིས་བཤད་རྒྱུར། ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་དཀའ་ཚེགས་བརྒྱུད་རིམ་གྱིས་དགེ་སློབ་རྣམས་ལ་གནོད་འཚེ་ཆེན་པོ་བཟོས་ནའང་སློབ་མ་རྣམས་ལ་མཚོན་ན་འཚར་ལོངས་ཀྱི་གོ་སྐབས་ལེགས་པོ་ཞིག་ཀྱང་འདོན་སྤྲོད་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།