ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་ནས་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཕྱོགས་གཉིས་ཀྱི་མི་སྣ་སུམ་ཅུ་རྐྱེ་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། འཁྲུག་རྩོད་དེ་སཱ་ཏཱ་ཞིང་ཆེན་བྱང་ངོས་ཀྱི་པཱ་ཅི་མུའུ་ས་ཁུལ་དུ་བྱུང་བ་དང་། མིག་སྔའི་བར་དུ་ཉུང་མཐར་ཡང་ཕྱོགས་གཉིས་ཀྱི་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་དང་ཧུའུ་སེ་དྲག་ཆས་མི་སྣ་ཉི་ཤུ་འདས། གཞན་ཡང་མི་སྣ་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

ཧུའུ་སེ་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཉིན་དེར་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ། ཧུའུ་སེ་དྲག་ཆས་མི་སྣས་སཱ་ཏཱ་ཞིང་ཆེན་གྱི་པཱ་ཅི་མུའུ་ས་ཁུལ་ནས་སྲིད་གཞུང་དམག་དཔུང་ལ་རྒོལ་ལན་དྲག་པོ་སྤྲད་ཡོད་ཟེར། ཁོས་ནང་དོན་ཞིབ་ཏུ་གསལ་བོར་བརྗོད་མེད། 

སཱ་ཏཱ་ཞིང་ཆེན་ནི་སོ་ཏི་ཨ་རབ་དང་འདབས་འབྲེལ་དུ་ཡོད་པ་དང་། དུས་ཡུན་རིང་བོར་ཧུའུ་སེ་དྲག་ཆས་པའི་སྡོད་གནས་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།