ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་སུམ་བརྒྱ་གྱ་བཞིར་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་སུམ་བརྒྱ་གྱ་བཞིར་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གཉིས་བརྒྱད་བརྒྱ་བཅུ་ཇེ་མང་དུ་སོང་ནས། ནད་པ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་སུམ་བརྒྱ་གྱ་བཞིར་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་གོ་དྲུག་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ཉིས་བརྒྱ་དང་ལྔར་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གཉིས་བརྒྱད་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་ཉེར་གཅིག་ཏུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་གོ་དྲུག་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་ལྔ་སྟོང་བདུན་བརྒྱད་བརྒྱ་ཞེ་བདུན་དུ་བསླེབ་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།