ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་རིམས་ནད་ཀྱི་མཐོ་རླབས་ད་རུང་ཐོན་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུ་ཉིན་ཨུ་རུ་སིའི་འཕྲོད་བསྟེན་དང་རིམས་ནད་གནས་ཚུལ་གྱི་བརྙན་རིས་གྲོས་ཚོགས་སྟེང་བསྟན་དོན། ཨུ་རུ་སི་ཡིས་སྤྱི་ཕྱོགས་ནས་པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཀྱི་དུས་རིམ་དང་པོའི་ལས་འགན་ཡོངས་འགྲུབ་བྱས་ཡོད་ཀྱང་། རིམས་ནད་ཀྱི་མཐོ་རླབས་དེ་ད་རུང་ཐོན་མེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། སྔོན་འགོག་བྱེད་ཐབས་ཀྱིས་ས་ཁུལ་རེ་འགའི་རིམས་ནད་འགོ་བའི་གནས་ཚུལ་ཅུང་ཞི་འཇགས་སུ་གཏོང་ཐུབ་ཀྱང་། ནད་དུག་སྔར་བཞིན་ཨུ་རུ་སི་ནས་རྒྱ་ཡན་དུ་འགྲོ་སྲིད་པར་མ་ཟད་གནས་ཚུལ་ཧ་ཅང་རྙོག་འཛིང་ལྡན་ཟེར། འགོ་ནད་ཆེད་མཁས་པས་སྔོན་དཔག་བྱས་པའི་རིམས་ནད་ཀྱི་མཐོ་རླབས་དེ་མི་འགྱངས་པར་ཐོན་སྲིད་པས། ཨུ་རུ་སི་ཡིས་བྱེད་ཐབས་གང་ཡོད་བཏོན་ནས་རིམས་ནད་ཀྱི་འགྲན་རྩོད་ཆེན་མོ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་རིམས་འགོག་བཀོད་འདོམ་པུའུ་ཡིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཨུ་རུ་སི་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་བཞི་དང་ཉིས་བརྒྱ་རེ་བརྒྱད་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་བཞི་དང་སྟོང་བདུན་བརྒྱ་དང་ཉེར་གཅིག་ཏུ་བསླེབ་ཡོད། ཨུ་རུ་སི་རྒྱལ་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཞེ་བཞི་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ནད་པ་བཞི་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། ནད་པ་བརྒྱ་དང་ང་ལྔ་གསར་དུ་དྲག་སྐྱེད་བྱུང་བ་དང་། བསྡོམས་པས་དྲག་སྐྱེད་བྱུང་བའི་ནད་པ་སྟོང་གསུམ་དང་བཞི་བརྒྱ་ཞེ་དྲུག་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།