ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་དང་། འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་མཱ་ཏུའུ་ལོ་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གྱི་གནད་དོན་ལ་གྲོས་བསྡུར་བྱས། མཱ་ཏུའུ་ལོ་ཡིས་ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་ནད་དུག་ཚད་འཇལ་མ་ལག་མཁོ་འདོན་བྱས་པ་སོགས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྦྱོར་དེ་འཛམ་གླིང་ཡོངས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་སྤྱོད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེར་མི་གཏོགས་པའི་རྒྱལ་ཁབ་བར་བཀོད་པའི་གྲོས་མཐུན་ལ་དོན་སྙིང་གལ་ཆེན་ལྡན་པར་འདོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།