ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་པྲོག་གསར་རིམས་ནད་ཕོག་པའི་ནད་པ་གསར་པ་སྨན་ཁང་དུ་བསྡད་པའི་མི་གྲངས་བསྟུད་མུར་ཉིན་བཅུའི་རིང་ཇེ་ཉུང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བན་དེ་སྐྱབས།   སྤེལ་དུས། : 2020-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས18ཉིན་ཧྥ་རན་སིའི་སྤྱི་པའི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་འཛིན་གྲངས་ཀ་ལས་མངོན་པ་ལྟར་ན། མིག་སྔར་ཧྥ་རན་སིའི་གློ་ཚད་རིམས་ནད་ཕོག་པའི་ནད་པ30639ཡིས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། དེ་ནི་ཉིན་སྔོན་མ་དང་བསྡུར་ན་མི551ཡིས་ཇེ་ཉུང་དུ་ཕྱིན་ནས། སྨན་ཁང་དུ་སྡོད་པའི་མི་གྲངས་བསྟུད་མུར་ཉིན་བཅུའི་རིང་ཇེ་ཉུང་དུ་སོང་ཡོད་ཟེར།

གཞི་འཛིན་གྲངས་ཀ་ལས་མངོན་པ་ལྟར་ན།  ཧྥ་རན་སིའི་སྨན་ཁང་གིས་ནད་པ111821བརྟག་དཔྱད་བྱས་པ་དང་། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་ནད་པ་2569མང་དུ་ཕྱིན་པ་དང་། ནུས་ཤོར་རྒན་རྒོན་རྒན་གསོ་ཁང་ཚུད་པའི་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་ནང་ནད་གཞི་གཏན་འཁེལ་བྱས་པའམ་ཡང་ན་ནད་རྟགས་འདྲ་བའི་ནད་པ་རིམ་རྩིས་བྱས་ན62135ཡོད་ཅིང་། ཉིན་སྔོན་མ་དང་བསྡུར་ན་ནད་པ3146ཡིས་མང་དུ་ཕྱིན་ཡོད་པ་རེད། མིག་སྔར་མི5833ནད་ལྕི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་ལྕི་མོའི་མི་གྲངས་དེ་འདས་པའི་ཆུ་ཚོད24རིང་། མི194ཡིས་ཉུང་དུ་ཕྱིན་ཡོད་ཟེར།

གཞན་ཡང་ཧྥ་རན་སིའི་རིམས་ནད་ཁྲོད་འདས་པའི་ནད་པ19323བར་འཕར་བ་དང་། དེ་ནི་འདས་པའི་ཆུ་ཚོད24རིང་ནད་པ642ཡིས་ཇེ་མང་དུ་སོང་ཡོད། རིམས་ནད་ལས་ཚེ་འདས་བྱུང་བའི་ནད་པ་ཡོད་རྒུའི་ཁྲོད་སྨན་ཁང་དུ་ཤི་བའི་ནད་པ11842ཡོད་ཅིང་། དེ་ནི་ཉིན་གོང་མ་དང་བསྡུར་ན་ནད་པ364ཡིས་ཇེ་མང་དུ་སོང་ཡོད་ལ། དེའི་ཁྲོད་ནུས་ཤོར་རྒན་རྒོན་རྒན་གསོ་ཁང་ཚུད་པའི་སྤྱི་ཚོགས་སྨན་བཅོས་སྒྲིག་གཞིའི་ནད་པ7481ཡོད་ཅིང་། དེ་ནི་ཉིན་སྔོན་མ་དང་བསྡུར་ན་ནད་པ278ཡིས་ཇེ་མང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།