ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐ་ལིས་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་བཀག་སྐྱིལ་མི་སྣ20གློད་གྲོལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན། ཨ་ཧྥུའུ་ཧན་ཐ་ལིས་པན་གྱིས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་ཨ་ཧྥུའུ་ཧན་ཐ་ལིས་པན་གྱིས་བཀག་སྐྱིལ་བྱས་ཡོད་པའི་ཨ་ཧྥུའུ་ཧན་སྲིད་གཞུང་གི་མི་སྣ་ཉི་ཤུ་གློད་གྲོལ་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས།

ཐ་ལི་པན་ཆབ་སྲིད་དོན་གཅོད་ཁྲུའུ་ཡི་མགྲིན་ཚབ་པ་སུའུ་ཧའེ་ལེ·ཧྲ་ཤིན་གྱིས་དེ་ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་བཀྲམས་ནས། གློད་འགྲོལ་བཏང་བའི་ཨ་ཧྥུའུ་ཧན་སྲིད་གཞུང་གི་བཙོན་མ་ཉི་ཤུའི་ནང་དམག་མི་དང་ཉེན་རྟོག་པ་ཚུད་ཡོད། བྱེད་ཐབས་དེ་ནི་ཉེ་སྔོན་ཨ་ཧྥུའུ་ཧན་སྲིད་གཞུང་གིས་བཀག་སྐྱིལ་བྱས་པའི་ཐ་ལི་པན་གྱི་མི་སྣ་གློད་འགྲོལ་བཏང་བར་ཨ་ལན་སློག་པ་ཞིག་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།