ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི200ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས15ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད10བར་དུ(པེ་ཅིང་གི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད22བར) འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ2000984ལ་སླེབས་ཤིང་ཚེ་འདས་ནད་པ128071ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན།  ཨ་རིར་ནད་རྟགས་ཐག་བཅད་པའི་ནད་པ609696ལ་སླེབས་ཤིང་མིག་སྔར་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བའི་རྒྱལ་ཁབ་དུ་གྱུར་ལ། ཚེ་འདས་ནད་པ26059ཡོད་པ་དང་། སི་ཕེན་དུ་ནད་རྟགས་ཐག་བཅད་པའི་ནད་པ177633ལ་སླེབས་ཤིང་ཚེ་འདས་ནད་པ18579ཡོད་པ་དང་།  དབྱི་ཐ་ལི་རུ་ནད་རྟགས་ཐག་བཅད་པའི་ནད་པ162488ལ་སླེབས་ཤིང་ཚེ་འདས་ནད་པ21067ཡོད་པ་རེད།

གཞི་གྲངས་འདི་དག་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལས་མངོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།